ཡང་སྲིད་ཀྱི་སྐོར།

༸སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཡང་སྲིད་ཕེབས་པ།

དགའ་སྤྲོའི་དཔལ་ཡོན་མངོན་པར་འཕགས་པའི་དུས་ཁྱད་པར་ཅན་གྱི་སྐབས་འདིར་དགའ་འོས་པའི་གཏམ་བཟང་ཞུ་རྒྱུར།

དེ་ཡང་ལྷར་བཅས་འགྲོ་བའི་འདྲེན་མཆོག་དམ་པ་གངས་ཅན་བོད་མིའི་ལྷ་སྐལ་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས། ཨོ་རིས་སའི་གཞིས་གྲོང་གཉིས་པར་ཡབ་བསྟན་འཛིན་མཐུ་སྟོབས་དང་ཡུམ་ནོར་བུ་སྒྲོལ་མ་ཟུང་གི་རིགས་ཀྱི་སྲས་ཀརྨ་མགོན་པོ་ཚེ་རིང་ལགས་སུ་སེར་བྱེས་ལྷོ་པ་༸སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཡང་སྲིད་དུ་དངོས་སུ་ཕྱག་རྟགས་ཕེབས་པ་དང་།

དེ་རིང་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༡ གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན། རྟེན་འབྱུང་དགའ་སྟོན་དང་འབྲེལ། གཞིས་གྲོང་དང་པོའི་སེར་བྱེས་བདེ་ཆེན་ཆོས་འཕེལ་གླིང་དགོན་པར་ཉིན་གུང་ཕྱག་ཚོད་ ༡༡ ཐོག་ཏུ་ཁང་ཚན་གྱི་བླ་སྤྲུལ་རྣམས་དང་དེ་བཞིན་བླ་བྲང་གི་སྐུ་འཁོར་བཅས་ནས་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེར་ན་བཟའ་སྒྲོན་འབུལ་གྱི་རྟེན་འབྱུང་མཛད་སྒོ་འཚོགས་ཡོད།

སླད་མར་ཡང་ཆུང་སྲིད་རིན་པོ་ཆེ་ཉིད་ཀྱི་སྐུ་ཚེ་ཞབས་པད་བརྟན་ཅིང་གོང་མའི་རྣམ་ཐར་བདག་གེར་བཞེས་ནས་གསང་གསུམ་རྨད་དུ་བྱུང་བའི་མཛད་བཟང་རྣམས་དབྱར་གྱི་ཆུ་གཏེར་བཞིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ།

སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་དྲ་རྒྱ་རྩོམ་སྒྲིག་པས།

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com