སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་གསུང་རྩོམ་གྱི་ཐོག་མ་གོང་ས་མཆོག་ལ་བསྟོད་པ།
འཇ༵མ་དཔ༵ལ་ང༵ག་ལ་དབ༵ང་འབྱོར་བློ༵་གྲོས་བཟ༵ང་། །
ཡེ༵་ཤེ༵ས་རྒྱལ་བསྟ༵ན་འཛི༵ན་མཁས་རྒྱ༵་མཚོ༵འི་གཉེན། །
ཆབ་སྲི༵ད་ས་གསུ༵མ་དབ༵ང་བསྒྱུ༵ར་མཚུ༵ངས་པ༵་མེ༵ད། །
ཆོས་ནོར་ཐར་པ༵འི་སྡེ༵་ལ་གསོལ་བ་འདེབས། །