མི་མཐུན་གཡུལ་རྒྱལ་ཞེས་པ་ནི། ཕན་ཚུན་དགྲ་བཤེད་དུ་གྱུར་པའི་སྲོག་ཆགས་རིགས་གཉིས་རེའི་གཟུགས་འདྲེས་མར་བྱས་པ་སྟེ་གྲུབ་པ་ཞིག་ཡིན། དེའི་མཚོན་དོན་ནི། མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་ཅིང༌། མཐུན་པ་དེ་ཡང་ལུས་སེམས་གཅིག་ཏུ་འདྲེས་ཤིང་ཕན་ཚུན་གཅིག་གྲོགས་གཅིག་ཏུ་འགྲོ་བ་དང་།
གཞན་ཡང་། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཚོན་དོན་ཡིན། སྲོལ་རྒྱུན་གྱི་རི་མོར་བཀོད་པ་དེ་ཡང་འདི་ལྟར་ཏེ། སེངྒེ་དང་བྱ་ཁྱུང་འདུས་པ་ལས་བྱུང་བའི་གངས་ཀྱི་སེངྒེ་ལ་ཁྱུང་གི་མགོ་དང་གཤོག་སྒྲོ་ཅན་དང་། ཁྱུང་རྭ་ནོར་བུ་འབར་བས་མཚན་པས་བརྒྱན་པ། ཆུ་སྲིན་དང་དུང་དཀར་འདུས་པ་ལས་བྱུང་བའི་ཆུ་སྲིན་མགོ་ཅན་དུང་དཀར་གྱི་མཇུག་མ་ཅན་ཏེ། ཆུ་སྲིན་དུང་ནང་གནས་པའི་ཚུལ་གྱི་མཇུག་མ་འཁྱིལ་བས་མཛེས་པ་བྱས་པ། ཉ་དང་སྲམ་འདུས་པ་ལས་བྱུང་བའི་སྲམ་ལ་གསེར་ཉ་ཡི་མགོ་ཅན་ལ་ཁ་སྤུ་དཀར་པོས་མཛེས་པས་བརྒྱན་པ་བཅས་འབྲི་སྲོལ་ཡོད། ། ། །