མཐུན་པ་སྤུན་བཞི་ནི། མཐུན་པ་སྤུན་བཞི་ནི་སྲེག་པ་དང༌། རི་བོང༌། སྤྲེའུ། གླང་ཆེན་བཅས་སྲོག་ཆགས་བཞིས་གྲུབ་པའི་རི་མོ་ཞིག་རེད། རི་མོ་དེའི་མཚོན་དོན་ནི་ཕན་ཚུན་མཛའ་མཐུན། གཅིག་ཕན་གཅིག་གྲོགས། རྒན་པར་བརྩི་བཀུར། ཆུང་བར་བྱམས་སྐྱོང་བྱེད་དགོས་པའི་བསླབ་བྱ་སྟོན་པ་དེ་ཡིན།
མི་མཐུན་གཡུལ་རྒྱལ་ཞེས་པ་ནི། ཕན་ཚུན་དགྲ་བཤེད་དུ་གྱུར་པའི་སྲོག་ཆགས་རིགས་གཉིས་རེའི་གཟུགས་འདྲེས་མར་བྱས་པ་སྟེ་གྲུབ་པ་ཞིག་ཡིན། དེའི་མཚོན་དོན་ནི། མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་ཅིང༌། མཐུན་པ་དེ་ཡང་ལུས་སེམས་གཅིག་ཏུ་འདྲེས་ཤིང་ཕན་ཚུན་གཅིག་གྲོགས་གཅིག་ཏུ་འགྲོ་བ་དང་།
༡ འཁོར་ལོ་རིན་པོ་ཆེ་ནི། སྔོན་དུས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ལས་ཕོ་བྲང་གི་རྩེ་ནས་བདེན་ཚིག་བརྗོད་པས་ཤར་ཕྱོགས་ནམ་མཁའ་ནས་རྒྱལ་པོའི་མདུན་དུ་འབབ་ཏེ་གང་དུ་འགྲོ་འདོད་པའི་ཡུལ་དེར་འཁོར་ལོ་དེས་སྣ་དྲངས་ནས་འགྲོ་བ་དང་། དེ་དང་མཉམ་དུ་རྒྱལ་སྲིད་གཞན་རྣམས་ཀྱང་འབྱོར་འོངས་པ་དེ་ཡིན།