གསལ་བསྒྲགས།

ཡང་སྲིད་རིན་པོ་ཆེའི་སྐོར།

ལྷད་མེད་དམ་ཚིག་གི་འོ་མཚོ་གཅིག་ཏུ་འཁྱིལ་བའི་འཛའ་ཞིང་བརྩེ་བའི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་འབྲེལ་ཡོད་ཆོས་གྲོགས་ཕོ་མོ་ཡོངས་ལ་འདི་གའི་དྲ་མཛོད་རྩོམ་སྒྲིག་ཁང་ནས་བཀྲ་ཤིས་པའི་གཏམ་བཟང་ཞུ་རྒྱུར།
ཉེ་བའི་ཆར་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༦ ཚེས་ ༡༥ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ (San Diego) སན་ཌིས་གྷོ་ཆིབས་སྒྱུར་སྐབས་སུ། སྐུ་ཞབས་ཞི་བ་ལྷ་རིན་པོ་ཆེ་དང་། བླ་བྲང་གི་ཕྱག་མཛོད་དགེ་བཤེས་ཚེ་བརྟན་དགེ་ལེགས། དགེ་བཤེས་ཐུབ་བསྟན་ཀུན་བཟང་བཅས་ཀྱིས་སྒེར་མཇལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པའི་སྐབས། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཡང་སྲིད་ཀྱི་སྐོར་ཞུ་དོན་བཞིན། ༧གོང་ས་མཆོག་གིས་རིན་པོ་ཆེའི་ཡང་སྲིད་འབྱོང་པར་ཡིད་ཆེས་དང་ཤིན་ཏུ་བཟང་པའི་རྟགས་དང་མཚན་མ་བཅས་ལ་བརྟེན་ནས་ཡང་སྲིད་འཁྲུངས་ཡོད་པ་གསུངས་པ་དང་། རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་ཡོང་བའི་ཆེད་འབྲེལ་ཡོད་ཡོངས་ཀྱིས་ཞབས་རིམ་འཇམ་དཔལ་མཚན་བརྗོད་གང་མང་གསོག་སྒྲུབ་གནང་དགོས་པ་གསུངས།

དེར་བརྟེན་བླ་བྲང་དང་། འབྲེལ་ཡོད་ཆོས་ཚོགས་ཁག་དང་། སེར་ལྷོ་ཁང་ཚན་གྱི་འདུས་མང་ཡོངས་ཀྱིས་ཞབས་རིམ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན། དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་རིན་པོ་ཆེའི་དགེ་ཕྲུག་ཡོངས་དང་། འབྲེལ་ཡོད་དགོན་སྡེ་རྣམས་ཀྱིས་ཀྱང་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ཡོང་སླད་ཞབས་རིམ་འཇམ་དཔལ་མཚན་བརྗོད་གང་མང་གསོག་སྒྲུབ་གནང་གལ་ཆེ།
རིན་པོ་ཆེའི་མཚན་སྔགས། ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་སུ་མ་ཏི་ཛཱ་ཡ་ཤཱ་ས་ན་བི་བྷྱ་ཨི་ཤྭ་ར་སརྦ་སིདྡྷི་ཧཱུཾ་ཧཱུཾ།

དྲ་ཚིགས་འདི་ནས་བྱུང་བའི་ཡིག་ཆ་དང་པར་རིས་ཇི་འདྲ་ཞིག་ཡིན་ཡང་བདག་དབང་འདི་ག་རྩོམ་སྒྲིག་ཁང་ལ་ཡོད་པས་བརྒྱུད་འགོད་དགོས་ཚེ་རྩོམ་ཁུངས་དྲ་གནས་འབྲེལ་ཐག་ཉམ་སྦྱར་དགོས་པས་དེ་དོན་དགོངས་འཇགས་ཞུ། https://chodenrinpoche.com/18-announcement-category/100-an-2

མཛོད་རྩོམ་སྒྲིག་པས།

Related Articles

ENTRHONEMENT CEREMONY

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com