ཆོས་ཚན་གྱི་མིང་། མི་འཁྲུགས་པའི་ཆོ་ག་དགེ་ལེགས་གཏེར་མཛོད།
མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། སངས་རྒྱས་མི་འཁྲུགས་པ་ལ་བརྟེན་པའི་མཆོད་འབུལ་བྱེད་ཚུལ།
འཕྲུལ་དེབ་སྤྱིའི་ཨང་། SBS-008
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༦ ཟླ། ༡༠ ཚེས། ༢༤ ཉིན།
ངོ་སྤྲོད་མདོར་བསྡུས།
༧ སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་མདོ་ཆོག་འདི་ཉིད་ཕྱི་ལོ་ ༡༩༦༩ ལོར་རིག་གནས་གསར་བརྗེ་ཆེན་པོའི་སྐབས་རྒྱ་དམར་གྱིས་རང་རེའི་སྤུན་ཟླ་ཚད་ལས་བརྒལ་བ་དམར་གསོད་དང༌། བོད་ཀྱི་ཆོས་སྡེ་མང་པོ་དང་ལྷག་པར་རྩ་ཆེའི་ནང་རྟེན་ཁག་གཏོར་བཅོམ་ཚད་ལས་བརྒལ་བ་སོགས་ལ་སྙིང་ནས་མ་བཟོད་པར་ངལ་བ་ཁུར་ལེན་གྱིས་མདོ་ཆོག་འདི་ཉིད་ཆེད་དུ་བསྒྲིགས་པར་གསུངས།
འདི་གའི་དྲ་ཐོག་ནས་དཔེ་དེབ་ཁག་དང་། འདོན་ཆོག་སྐོར། དེ་བཞིན་བཀའ་ཁྲིད་དང་བཀའ་སློབ་བཅས་དྲ་རྒྱ་འདི་ནས་རིན་མེད་ཕབ་ལེན་དང་བལྟ་ཀློག་སོགས་བཀོལ་སྤྱོད་གནང་ན་དགའ་བསུ་ཞུ། དེ་ཡང་བརྙན་ཆས། Android, iPad, iPhone and iPod སོགས་ཀྱི་ཐོག་ནས་རང་འདོད་ལྟར་གསན་གཟིགས་དང་ཕབ་ལེན་སོགས་བྱ་ཐུབ་ཀྱིན་ཡོད།
ཕབ་ལེན་དང་བལྟ་ཀློག་སྐོར། PDF ཕབ་ལེན། EPUB ཕབ་ལེན།