༧གོང་ས་བཅུ་བཞི་པ་ཆེན་པོའི་མཚན་སྔགས།
ཨོཾ་ཨཱཿ གུ་རུ་བཛྲ་དྷ་ར་བྷ་ཌྜཱ་ར་ཀ་མཉྫུ་ཤྲཱི་ཝཱ་གིནྡྲ་སུ་མ་ཏི་ཛྙཱ་ན་ཤཱ་ས་ན་དྷ་ར་ས་མུ་དྲ་ཤྲཱི་བྷ་དྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ། །
འཇམ་དཔལ་དཔའ་བོ་ངག་ལ་དབང་བསྒྱུར་ཞིང་། །
བློ་བཟང་ཡེ་ཤེས་རྒྱལ་བསྟན་འཛིན་པ་ལ། །
རྒྱ་མཚོ་ལྟར་ཟབ་སྲིད་གསུམ་དབང་སྒྱུར་མགོན། །
མཚུངས་པ་མེད་པའི་སྡེ་ལ་གསོལ་བ་འདེབས། །
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །