རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མཚན་སྔགས། ཨོཾ་ཝ་གི་ཤྭ་རི་མཱུཾ། ཞེས་དང། ཡང་ན། ཨོཾ་ཨ་ར་པ་ཙ་ན་དྡཱིཿ
དཔལ་ཕྱག་ན་རྡོ་རྗེའི་མཚན་སྔགས། ཨོཾ་བཛྲ་པཱ་ཎི་ཧཱུཾ།
འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས། ཨོཾ་མ་ཎི་པདྨེ་ཧཱུཾ།
དགེ་བ་འདི་ཡི་མྱུར་དུ་བདག །
རིགས་གསུམ་མགོན་པོ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
ཁྱེད་ཀྱི་ས་ལ་འགོད་པར་ཤོག །