རྒྱུན་ཤེས།

རི་དྭགས་ཆོས་འཁོར།

རི་དྭགས་ཆོས་འཁོར་ནི། དགོན་པའི་ཚོམས་ཆེན་གྱི་ཡང་སྟེང་ངམ་སྒོ་འཁྱོལ་གྱི་སྟེ་དུ་རི་དྭགས་ཕོ་མོ་གཉིས་ འཁོར་ལོ་རྩིབས་བརྒྱད་ལྡན་ཞིག་ལ་རྩེ་གཅིག་ཏུ་བལྟས་ནས་ཡོད་པ་ཞིག་བཞེངས་སྲོལ་ཡོད། དེ་དག་གིས་མཚོན་དོན་ནི། དཔེ་དོན་གཉིས་ཀྱི་སྒོ་ནས་བཤད་ན། 

སྔོན་བཅོམ་ལྡན་འདས་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་སུ་མི་སྨྲ་བའི་བརྟུལ་ཞུགས་སུ་བཞུགས་པའི་ཚེ། ལྷ་ཡི་དབང་པོ་ཚངས་པ་ཆེན་པོས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་གསོལ་བ་བཏབ་པའི་ཚེ། ནགས་ན་གནས་པའི་རི་དྭགས་ཀྲིཥྞ་སཱར་ཕོ་མོ་གཉིས་བྱུང་སྟེ་དགའ་མགུ་ཡིད་རང་གི་རྣམ་པས་མིག་མི་འཛུམ་པར་ཆོས་ཀྱི་འཁོར་ལོར་བལྟ་བར་ལོ་རྒྱུས་ཡོད་པ་བཞིན། དེ་ནས་བཟུང་ནང་པའི་མཚོན་རྟགས་རི་དྭགས་ཆོས་འཁོར་ཞེས་པ་དེ་བྱུང་བ་ཡིན། འཁོར་རྩིབས་བརྒྱད་ནི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་མཚོན། དེའི་གཡས་གཡོན་དུ་རི་དྭགས་ཕོ་མོ་གཉིས་ནི། སངས་རྒྱས་ཀྱི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དེ་དག་ལོངས་སུ་སྤྱོད་མཁན་གྱི་གདུལ་བྱ་རྣམས་ཀྱིས་ཆོས་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་རྩེ་གཅིག་ཏུ་ཉན་པ་མཚོན། དེ་ཡང་མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་གསུངས་པ་ལྟར། འགལ་རྐྱེན་སྣོད་ཀྱི་སྐྱོན་གསུམ་སྤངས་ལ། མཐུན་རྐྱེན་འདུ་ཤེས་དྲུག་བསྟེན་པའི་སྒོ་ནས་ཉན་དགོས་པར་མཚོན་པ་ཡིན་ནོ། །དབུས་ཆོས་འཁོར་གྱི་ལྟེ་བས་བསླབ་པ་གསུམ་གྱི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་མཚོན་པ་དང༌། བར་གྱི་རྩིབས་བརྒྱད་པོས་ཤེས་རབ་ཀྱི་བསླབ་པ་མཚོན། མཐའི་མུ་ཁྱུད་ཀྱིས་ཏིང་ངེ་འཛིན་གྱི་བསླབ་པ་མཚོན་པ་ཡིན། རི་དྭགས་ཕོ་མོ་གཉིས་ཀྱིས་ཐབས་དང་ཤེས་རབ་མཚོན་ཏེ་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་མཚོན་པ་ཡིན་ནོ། །

Related Articles

མཐུན་པ་སྤུན་བཞི།

རྒྱལ་སྲིད་སྣ་བདུན།

སྲིད་པའི་འཁོར་ལོ།

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com