རྣམ་དཔྱོད་མཁའ་ལྟར་ཡངས་ཤིང་རྩོམ་རིག་ལ་དུང་བ་ཟབ་པའི་རྒྱ་ཆེའི་མཁྱེན་ལྡན་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར། ༧གནས་ལྡ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་དུ་དམིགས་ཏེ། འདི་གའི་རྩོམ་སྒྲིག་ཁང་དུ་རིན་པོ་ཆེ་དང་འབྲེལ་བའི་སྐོར་བཀའ་དྲིན་རྗེས་དྲན་གྱི་བསྟོད་ཚོགས་དང་། དེ་བཞིན་གསོལ་འདེབས། སྙན་རྩོམ། ཀ་རྩོམ་སོགས་རང་རྩོམ་དང་གཞན་རྩོམ་གང་ཡིན་ཡང་རུང་། དྲ་རྒྱ་འདི་ཐོག་ཏུ་འཇུག་འདོད་ཡོད་རིགས་མ་ཡིག་གློག་ཀླད་བཅུག་ཟིན་པ་ཕུད་ཀློག་བདེ་བའི་སུག་བྲིས་དགོས་རྒྱུ་དང་། དེ་ཡང་འཇུག་བྱའི་ཡིག་རིགས་ཀྱི་བརྗོད་བྱ་ཇི་ཡིན་བརྟག་པའི་ཐོག་གཤམ་འཁོད་ཀྱི་ཆ་རྐྱེན་ཚང་བ་རྣམས་རིམ་བཞིན་འཇུག་རྒྱུ་དང་། ཆ་རྐྱེན་དེ་དག་མ་ཚང་ན་འཇུག་ཐབས་བྲལ་བས་དེ་དོན་དགོངས་མངའ་ཡོང་བ་མཁྱེན། རྩོམ་སྒྲིག་པ་རིག་པའི་མྱུ་གུར་འབོད་པས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡ ལ།
རྩོམ་ཡིག་དག་གི་ཆ་རྐྱེན་ནི།
༡༽ རིན་པོ་ཆེ་དང་འབྲེལ་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་པ།
༢༽ རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིགས།
༣༽ རིན་པོ་ཆེ་ནས་གནང་བའི་ཆེད་དམིགས་ཀྱི་བསླབ་བྱ་དང་བཀའ་སློབ་ཁག །
༤༽ རིན་པོ་ཆེའི་མཛད་པ་རྣམ་ཐར་གྱི་སྐོར།
༥༽ རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་བྱུང་བ་བརྗོད་པ།
༦༽ གཞན་རྩོམ་རིན་པོ་ཆེའི་མཛད་རྣམ་སོགས་ཀྱི་སྐོར།
༧༽ རིན་པོ་ཆེ་ནས་ལྗགས་རྩོམ་གནང་བའི་གསུང་ཐོར་བུ་ཁག །