ཆེད་རྩོམ།

བླ་མ་རྗེས་དྲན།

༄༅།།ས་སྟེང་འདི་ན་ཀུན་མཁྱེན་ཞེས་གྲགས་པ། །
སྟོང་ཉིད་ཟབ་མོའི་གད་རྒྱངས་བསྒྲགས་པ་ཡིས། །
བདག་ཏུ་ལྟ་བའི་ས་བོན་དྲུང་ནས་འབྱིན། །
ཟླ་མེད་སྟོན་པ་སྙིང་གི་མུན་སེལ་རྒྱལ། །

སྔོན་ཚེ་ཁྱེད་ཀྱིས་ཇི་ལྟར་དམ་བཅས་བཞིན། །
མདོ་སྔགས་ཟུང་དུ་འབྲེལ་བའི་ལམ་གྱི་གནད། །
ཉི་ལྟར་གསལ་མཛད་བློ་བཟང་གགས་པའི་དཔལ། །
བཀའ་དྲིན་དྲན་པས་དང་བའི་ཕྱག་བགྱི་འོ། །

འདུལ་བ་ལུང་སྡེ་བཞི་ལས་ལེགས་གསུངས་པ། །
སྟོན་མཆོག་རྒྱལ་བའི་བསླབ་པ་བཅས་པ་ལ། །
སྒོ་གསུམ་སྐྱོན་གྱིས་མ་དགོས་རྣམ་པར་དག།།
འཕགས་པའི་གནས་བརྟན་གཉིས་པར་སྙིང་ནས་འདུད། །

རྒྱལ་བ་ཀུན་གྱི་བགྲོད་པའི་ལམ་གཅིག་པུ། །
བདག་གཞན་མཉམ་པ་ཉིད་མཐོང་སེམས་བསྐྱེད་དང་། །
མཐར་འཛིན་ལྟ་བ་འཕྲོག་པའི་ཤེས་རབ་གཉིས། །
རིང་ནས་གོམས་པའི་དགེ་བའི་བཤེས་དེར་འདུད། །

སྙན་ངག་སྡེབ་སྦྱོར་སྐར་རྩིས་སྒྲ་གཞུང་དང་། །
རྒྱལ་བའི་གསུང་རབ་ཀུན་གྱི་ཚིག་གི་དོན། །
ཕྲ་ཞིང་མཛངས་ལ་མཁས་པའི་པཎྜི་ཏ། །
གནས་ལྔ་རིག་པའི་དབང་ཕྱུག་ཁྱེད་མིན་སུ། །

སྐུ་ཡི་ལྗང་མྱུག་གངས་ལྗོངས་་ཡུལ་འཁྲུངས་ཀང་། །
དུས་འགྱུར་དགྲ་བཅན་ཁ་རུ་ཚུད་པའི་དུས། །
འཛམ་བུའི་ཆུ་གསེར་ས་འོག་སོང་དང་འདྲ། །
སྙན་པའི་གྲགས་པ་གོ་ལའི་ཁྱོན་དུ་ཁྱབ། །

རྒྱལ་སྲས་རྣམས་ཀྱི་སྤངས་རྟོགས་འཕྲིན་ལས་ཀུན། །
ཕུན་སུམ་ཚོགས་པ་ཐུགས་ལ་མངའ་མོད་ཀྱང་། །
སྙིག་དུས་འགྲོ་ལ་བརྩེ་བས་མ་འདོར་བར། །
ཐུགས་བསྐྱེད་དམ་བཅའ་བཙན་པོའི་མ་གཡེལ་དགོངས། །

རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་སླད། ། རེ་ཞིག་དགོངས་པ་གཞན་དུ་གཤེགས་ཟིན་ཀྱང་། །
དད་དམ་རྟེན་འབྱུང་འབྲེལ་བའི་གདུལ་བའི་དོན། །
སླར་ཡང་ཞིང་འདིར་འབྱོན་པའི་སྨོན་འདུན་ཞུ། །

བོད་རྒྱལ་ལོ༢༡༤༣རབ་གནས་མེ་སྤྲེལ་སྣྲོན་ཟླ་བའི་ཚེས་གཉིས་ཉིན་༧གོང་ས་༧མཆོག་གི་འཁྲུངས་སྐར་གི་དུས་ བཟང་ཉིན་གང་གི་སློབ་བུའི་གྲལ་མཐའ་རུ་འཁོད་པ་གངས་ཕྲུག་འཁྱམ་པོས་སེ་ར་ཆོས་སྒར་དུ་བྲིས་པ་དགེའོ། །

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com