༄༅། །གནས་ལྔར་རིག་པའི་དབང་ཕྱུག་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིཊ་བྲལ་དཔལ་བཟང་པོ་མཆོག་སྐུ་ཆོས་དབྱིངས་སུ་ཐིམས་ནས་ལོ་གཅིག་འཁོར་བའི་དུས་དྲན།
རྒྱལ་བའི་མདོ་སྔཌ་ཡོངས་རྫོཌ་གནད་བསྡུས་སུ། །
ནང་གི་ཡོན་ཏན་བསླབ་གསུམ་ནོར་བུའི་ཕྱུག །
ཕྱི་ཡི་སྤྱོད་པར་ཆོས་གོས་རྣམ་གསུམ་བརྒྱན། །
རྒྱལ་བའི་བསྟན་འགྲོའི་དོན་དུ་མྱུར་བྱོན་ཤོག །
ཡབ་སྲས་ལྔ་ཡི་གཞུང་དོན་ཇི་ལྟར་རྟོགས། །
དེའི་ཕྱིར་མཁའ་མཉམ་སེམས་ཅན་མ་ལུས་པར། །
མི་ཤེས་རྨོངས་པའི་མདུད་རྒྱ་ཡོངས་བཀྲོལ་ཆེད། །
བློ༵་བཟ༵ང་རྒྱལ༵་བའི་བསྟ༵ན་དུ་མྱུར་བྱོན་ཤོག །
ཉམ་ཐག་འགྲོ་ལ་བརྩེ་བས་གཟིཌ་དགོངས་ནས། །
རྟག་ཆད་མཐའ་བྲལ་དབུ་མའི་ཟབ་མོ་ཡིས། །
འཇི༵གས་ཚོཌ་ལྟ་ངན་ལ་སོགས་བྲལ༵་བའི་ཆེད། །
དབ༵ང་ཕྱུག༵་ཆེན་པོ་སླར་ཡང་མྱུར་བྱོན་ཤོག །
མི་བརྗེད་གཟུངས་དང་ལྡན་པའི་བློ་གྲོས་ཤིག །
མ་བསླབ་རང་བརྡོལ་མཁྱེན་པའི་རིག་པ་ཞིག །
དགོས་འདོད་ཆོས་ཀྱི་ཕྱུག་པའི་འབྱོར་བ་ཞིག །
འཁྲུལ་མེད་སྐུ་སྐྱེ་སྔར་བཞིན་མྱུར་དུ་ཤོག །
ཕྱི་ལོ་ ༢༠༡༦ ཟླ་བ་ ༩ ཚེས་ ༢༧ ཉིན་མོར་བློ་བཟང་ཐོགས་མེད་ཀྱིས་སྦྱར་བས་དགེ་གྱུར་ཅིག། །།