ཚེ་སྔོན་བསགས་པའི་ལས་བཟང་འབྲས་བུས། །
ཚེ་འདིར་མགོན་ཁྱེད་མཇལ་སྐལ་རྙེད་པ། །
ཚེ་འདིའི་མི་རྟག་རང་བཞིན་སྟོན་ཆེད། །
སྐྱབས་གནས་བླ་མ་དག་ཞིང་ཕེབས་སོང་། །
ལས་ཉོན་མོངས་དབང་སོང་བདག་ལྟ་བུ། །
དགྲ་ཉོན་མོངས་སྤངས་བའི་གོ་འཕང་དེར། །
དུས་མྱུར་བ་ཉིད་དུ་འགོད་ཆེད་དུ། །
རྗེ་བླ་མ་ཁྱེད་ཀྱི་ཡང་སྲིད་ཅིག །
དུས་མྱུར་བ་ཉིད་དུ་ཕེབས་པར་སྨོན། །
འཇམ་དབྱངས་བཀྲ་ཤིས་ནས ༢༠༡༦/༩/༢༧༡༥/༣༥ བྲིས་པས་དགེའོ།། །།